༼གཅིག༽ཁ་པར་ཐོག་མགོ་སྐོར་གཡོ་ལེན་བྱ་སྟངས།
༡.བུ་བུ་མོར་དོན་རྐྱེན་བྱུང་ཚུལ་རྫུན་བཟོ་བྱས་པའི་གཡོ་ཐབས། བུ་དང་བུ་མོ། ནང་མི་སྤུན་མཆེད་སོགས་ལ་རླངས་འཁོར་དོན་རྐྱན་བྱུང་བ་འམ། ནད་བྱུང་བ།ཁྲིམས་འགལ་གྱི་ཉེས་ཆད་དངུལ་སྒོར་སྤྲོད་དགོས་པ་སོགས་རྒྱུ་མཚན་དུ་བྱས་ནས་ནང་མི་དང་གྲོགས་པོར་ཁ་པར་བཏང་ནས་དངུལ་སྒོར་གཡོ་ལེན་བྱེད་པ།
༢. བུ་བུ་མོ་བཀྱིགས་ཁྲིད་བཏང་ཚུལ་རྫུན་བཟོ་བྱས་པའི་གཡོ་ཐབས།ཁ་པར་ནང་བུ་བུ་མོར་བཀྱིགས་ཁྲིད་བཏང་ཚུལ་རྫུན་བསྒྲགས་བྱས་ནས། ཁ་པར་ནང་དུ་བྱིས་པའི་ངུ་སྐད་དང་རྡུང་རྡེག་གི་སྒྲ་སོགས་གྲགས་ཏུ་བཅུག་ནས་ཁྱིམ་མི་ལ་དངངས་འཚབ་བཟོས་རྗེས།མྱུར་ཏུ་དངུལ་སྒོར་བསྐུར་ནས་བླུ་དགོས་པར་སྐུལ་བ།
༣.གྲོགས་པོ་དང་ངོ་ཤེས་སོགས་ལ་བརྫུས་ནས་གཡོ་ཐབས། གྲོགས་པོ་སྤུན་མཆེད་སོགས་ལ་བརྫུས་ནས།རླངས་འཁོར་དོན་རྐྱེན་བྱུང་ཚུལ་དང་ནད་བྱུང་ཚུལ།ཁྲིམས་འགལ་གྱི་ཉེས་ཆད་སྤྲོད་དགོས་པ་སོགས་རྒྱུ་མཚན་དུ་བྱས་ནས་གཡོ་ལེན་བྱེད་པ།
༤.. གློག་འཕྲིན་ཅུས་དང་ཉེན་རྟོག་ལས་ཁུངས།ཞིབ་དཔྱོད་ལས་ཁུངས། ཁྲིམས་ཁང་།ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་ལས་བྱེད་མི་སྣར་བརྫུས་ནས་གཡོ་ཐབས། ཉེས་ཅན་མི་སྣས་གློག་འཕྲིན་ལས་ཁུངས་ཀྱི་ལས་བྱེད་པར་བརྫུས་ནས་ཁ་པར་ནང་གི་དངུལ་རྫོགས་པ་སོགས་རྒྱུ་མཚན་དུ་བྱས་ནས་གཡོ་ལེན་བྱས་པ།ཡང་ན་ཉེན་རྟོག་ལས་ཁུངསད་ཞིབ་དཔྱོད་ལས་ཁུངས། ཁྲིམས་ཁང་།ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་ལས་བྱེད་མི་སྣར་བརྫུས་ནས། དོ་བདག་གི་དངུལ་བྱང་ལ་ཁྲིམས་འགལ་གྱི་གནད་དོན་ཡོད་ཚུལ་སོགས་བཤད་དེ་དོ་བདག་དངངས་འཚབ་སྐྱེས་པའི་སེམས་ཁམས་བྱེད་སྤྱད་ནས། དོ་བདག་གི་དངུལ་སྒོར་ཉེས་ཅན་མི་སྣས་བདེ་འཇག་ཡིན་པར་བཤད་པའི་དངུལ་བྱང་སྟེང་བསྐོར་ཏུ་བཅུག་ནས་གཡོ་ལེན་བྱེད་པ།
༥.ཁང་བ་དང་རླངས་འཁོར་ཉོས་པའི་ཁྲལ་དངུལ་ཕྱིར་སློག་པའི་མིང་གཡར་ནས་གཡོ་ཐབས།གཡོ་ཅན་མི་སྣས་ཁྲལ་དོན་ཅུས་ཀྱི་ལས་བྱེད་པར་བརྫུས་ནས།༼ཁྲལ་དོན་ཅུས་ནས་ཁང་བའམ་རླངས་འཁོར་ཉོས་པའི་ཁྲལ་དངུལ་ཕྱིར་སློག་གིན་ཡོད་༽ཟེར་ནས་དོ་བདག་ལ་ནོར་སྲིད་ཅུས་ལ་འབྲེལ་བ་གནང་དགོས་པར་བཤད་ནས་ཁ་པར་ཨང་གྲངས་རྫུན་མ་ཞིག་སྤྲོད་པ་རེད།གལ་ཏེ་ཁ་པར་ཨང་གྲངས་དེའི་སྟེང་འབྲེལ་བ་བྱེད་ཚེ།ཕ་རོལ་བས་དོ་བདག་ལ་ATMའཕྲུལ་ཆས་སྟེང་ནས་ལེན་དགོས་པར་བཤད་ཀྱང་།གལ་ཏེ་དོ་བདག་གིས་ཕ་རོལ་བའི་བཀོད་འདོམས་ལྟར་ATMའཕྲུལ་ཆས་བཀོལ་སྤྱོད་བྱས་ཚེ།དོ་བདག་རང་གི་དངུལ་བྱང་ནང་གི་དངུལ་རྣམས་ཉེས་ཅན་མི་སྣའི་དངུལ་བྱང་ཐོག་འཁྱེར་འགྲོ་བ་རེད།
༦.རྒྱན་ཐོབ་འདུག་ཟེར་བའི་གཡོ་ཐབས།དོག་ཡོད་མི་སྣའི་གནོད་འཚེ་ཕོག་མཁན་ལ་པ་པར་བཏང་ནས།ཁྱོད་ཀྱི་ཁ་པར་ཨང་གྲངས་ཧྲིན་ཀྲེན་དང་ཤང་ཀང་སོགས་ཀུང་སི་མིང་གྲགས་ཅན་ཞིག་གི་རྒྱན་ལེན་བྱེད་སྒོ་སྤེལ་བའི་ཁྲོད་རྒྱན་ཐོབ་འདུག་ཟེར་ལ།རྒྱན་ཐོབ་པའི་དངུལ་གྲངས་ཡང་ཁྲི་བཅུ་གྲངས་ནས་ཁྲི་བཅུ་ཕྲག་ཁ་ཤས་ཡོད་པར་བཤད་དེ།རང་ཉིད་དངོས་སུ་ཕེབས་པའམ་དངུལ་ཁང་ནས་སྤྲོལ་ལེན་བྱེད་ཆོག་པར་བཤད་ངེས། དོ་བདག་གིས་དངུལ་ཁང་བརྒྱུད་སྤྲོད་ལེན་བྱ་རྒྱུ་གདམ་ངེས་ཡིན་པས། ཕ་རོལ་པོས་རྒྱན་ཐོབ་དངུལ་ལེན་པར་ཁྲལ་དངུལ་དང་ཞབས་ཞུའི་འགྲོ་སོང་།དངུལ་ཁང་གི་ལག་ཡོན་སོགས་སྤྲོད་དགོས་པར་བཤད་དེ་མགོ་སྐོར་གཡོ་ལེན་བྱེད་པ་རེད།